.jpg)
.jpg)
གཉིས་པ། འཇིག་རྟེན་གྱི་ཕྱོགས་ནས་བཤད་ན།
“རང་ལ་ཕན་པ་མེད་པ་དང༌། གཞན་ལ་གནོད་པ་ཡོད་པ་དང༌། ཡ་རབས་རྣམས་ཀྱིས་ཁྲེལ་བར་འགྱུར་བའོ། དང་པོ་ནི། དེང་སང་ཕྱི་རྒྱལ་ནས་ཐོན་པའི་སྲམ་ལྤགས་རིན་གོང་ཆེ་ཤོས་གཅིག་ལ་དམངས་སྒོར་ བདུན་སྟོང་ནས་བརྒྱད་སྟོང་ཙམ་རེ་དགོས། གོས་སྐོར་ལེགས་པོ་སྒོར་ཉིས་ཁྲི་ཆིག་སྟོང་ནས་བཞི་སྟོང་བར་འགྲོ། དམངས་ཕལ་བ་ཞིག་གིས་ཉིན་གཅིག་གི་ངལ་རྩོལ་ཡོང་འབབ་དམངས་སྒོར་ཉི་ཤུ་ནས་ཉི་ཤུ་ རྩ་ལྔ་ཙམ་ཞིག་ཡིན། དེས་ན་སྲམ་སྐོར་གཅིག་ལ་ཉིན་དགུ་བརྒྱ་དྲུག་ཅུ་སྟེ་ལོ་གཉིས་དང་ཟླ་བ་བདུན་གྱི་ ངལ་རྩོལ་གྱི་ཡོང་འབབ་རིལ་གྱིས་སྦྱིན་དགོས། གཟིག་སྐོར་རབ་གཅིག་ལ་གཟིག་ལྤགས་ཆ་ཚང་ཞིག་དགོས། གཟིག་ལྤགས་བཟང་ཤོས་ཤིག་ལ་དམངས་
སྒོར་བརྒྱད་སྟོང་ལྔ་བརྒྱ་ཙམ་དགོས། དེ་ཉིད་ཉིན་སུམ་བརྒྱ་བཞི་བཅུ་ནས་བཞི་བརྒྱ་ཉེར་ལྔའི་བར་གྱི་ངལ་རྩོལ་ཡོང་ འསབབ་ཡིན། སྟག་ལྤགས་རབ་གཅིག་ལ་སྒོར་ཆིག་ཁྲི་ཆིག་སྟོང་ནས་ཉིས་སྟོང་བར་ཡིན། དེས་གོས་སྐོར་གཅིག་ལྷག་གམ་གཉིས་ཙམ་ཞིག་འོང༌། གོས་སྐོར་གཉིས་ཀྱི་དབང་དུ་བྱས་ན་རེ་རེ་ལ་ཉིན་སུམ་བརྒྱ་ཙམ་གྱི་ཡོང་འབབ་ སྦྱིན་དགོས། དེ་ལྟར་ལོ་གཉིས་དང་ཕྱེད་ལྷག་གི་ཡོང་སྒོ་སོགས་སྦྱིན་མོད། དེས་ཚེ་ཕྱི་མ་ལའང་མི་ཕན། ཚེ་འདིར་ཡང་ཁ་ཞིམ་རྒྱུ། ལྟོ་རྒྱག་རྒྱུ། རྒྱབ་དྲོ་རྒྱུ་གང་ལའང་མི་ཕན། རང་རེ་བོད་མི་རྣམས་ཀྱིས་སྲམ་སྐོར་མ་ཞིག་གྱོན་འདུག་ཅེས་སོགས་ཟེར་ཏེ། མཚར་མཚར་ལྟར་དུ་བརྩི་ཡང་གཞན་གྱིས་མཐོང་ན་ཁྲེལ་བའི་རྒྱུ་
ཙམ་ལས་གཞན་ཅི་ཡང་ མེད། མི་རིགས་གཞན་པ་རྣམས་བོད་ཀྱི་ས་ཁུལ་དུ་འོང་ནས་བོད་ཀྱི་ལག་ནས་སྒོར་མོ་བླངས། བོད་ཀྱི་ས་གནས་རང་ནས་ཚོང་ཁང་དང༌། མགྲོན་ཁང༌། བཟའ་བཏུང་ཁང་རྣམས་བཟོ་སྐྲུན་བྱས་ཏེ་ཕྱུག་པོར་གྱུར། རང་རེ་རྣམས་ཀྱིས་རང་གི་སའང་རང་གི་བེད་སྤྱོད་བྱ་མི་ཤེས་ཏེ། རྫོང་གྲོང་རྣམས་སུ་སོང་ནས་བལྟས་ནས་གསལ་ཅིང༌། ནམ་རྒྱུན་སྟོད་གོས་གཙང་མ་ཙམ་ཡང་གྱོན་རྒྱུ་མེད་བཞིན་དུ་རྡོའི་རིགས་དང་གཅན་ གཟན་ལྤགས་པ་དེ་དག་སྒྲོམ་དུ་བཅུག་ནས་མི་རབས་ཀྱི་བར་དུ་ཉར་ཚགས་བྱེད། འོན་ཀྱང་དེ་དག་ཇི་ལྟར་བཞག་ཀྱང་རིང་བསྲེལ་འཕེལ་བ་ལྟར་འཕེལ་འོང་རྒྱུ་ནི་མེད་ པས་བེད་མེད་ཀྱི་འཆིང་ཐག་ཅིག་ཏུ་གྱུར་པ་ཡིན། འགའ་ཞིག་གིས་དེ་བུ་རྒྱུད་རྣམས་ལ་བཞག་པ་བཟང་པོ་ཡིན་པར་རློམ། གལ་ཏེ་བུ་ཡིས་དེ་བུ་རྒྱུད་རྣམས་ལ་བཞག་བསམས་ན་དེ་རྣམས་ཀྱི་རྒྱུད་ལ་རིག་གནས་ ཀྱི་ཡོན་ཏན་ཞོག་དང་བཞག་པ་བཟང་པོ་ད་ག་ཡིན།
རྒྱུ་ནོར་ལོངས་སྤྱོད་ཀྱང་དེ་ག་ཡིན། ཚེ་གང་རིང་སྐྱིད་སྡུག་ཅི་ཞིག་བྱུང་ཡང་བརླག་རྒྱུ་མེད་པའི་ནང་ངོམ་དམ་པའང་དེ་ ཡིན་ཏེ། དེ་ཡོད་ན་ཅི་དགོས་འགྲུབ་པར་འགྱུར་བའི་ཕྱིར་རོ།” ཞེས་སོགས་གསུངས་ཡོད་པ་རེད།