ང་མདང་དགོང་རྨི་ལམ་བཟང་པོ་རྨིས།
མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཇལ།།
མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཇལ།།
དུས་མི་འགྱངས་གངས་ལྗོངས་ཕྱུག་མོ་ན།།
དྲོད་ལྡན་གྱི་ཉི་མ་འཆར་ངེས་གསུངས།།
ང་མདང་དགོང་རྨི་ལམ་བཟང་པོ་རྨིས།།
རྗེ་པཎ་ཆེན་ཆོས་ཀྱི་ཉི་མ་མཇལ།།
དུས་མི་འགྱངས་ཀླ་ཀློའི་མུན་འོག་ནས།།
ཞལ་དྲོན་མོ་བོད་ལ་འབྱོན་ངེས་གསུངས།།
ང་མདང་དགོང་རྨི་ལམ་བཟང་པོ་རྨིས།།
སྐྱབས་ཀརྨ་འཕྲིན་ལས་རྡོ་རྗེ་མཇལ།།
དུས་མི་འགྱངས་ཁ་བའི་སྨན་ལྗོངས་སུ།།
བོད་གཞིས་བྱེས་མཉམ་གཅིག་འཛོམ་ངེས་གསུངས།།
གཞས་ཚིག་འདི་གསར་པ་ཡིན། གླུ་བ་སུ་ལའང་དགོས་མཁོ་འདྲ་ཡོད་ཚེ། བེད་སྤྱོད་ན་ཆོག་མོད། འོན་ཀྱང་བཅོས་སྒྱུར་དང་། རྩོམ་མཁན་གྱི་མིང་སོགས་གཞན་མིང་དུ་སྒྱུར་རྒྱུ་སོགས་བྱ་མི་ཆོག
དགོས་འདུན་བྱ་ཡུལ། gcsdortuk@gmail.com