
ཚོགས་པ་འདིའི་འགན་འཛིན་ལྷན་ཚོགས་ཀྱི་ཁོངས་སུ་གནད་ཡོད་མི་སྣ་དང་ཤེས་ལྡན་མི་སྣ་གྲགས་ཅན་དཔེར་ན།
མ་ཧཱ་ར་ཤི་ཊ་མངའ་སྡེ་གཞུང་གི་ ཆེས་མཐོའི་བཟོ་རིག་ཤེས་ཡོན་བློན་ཆེན་སྐུ་ཞབས་ར་ཇེ་ཤི་ཏོ་པེ་མཆོག་དང་།
རྩེད་འགྲན་དང་གཞོན་སྐྱེས་ལས་དོན་བློན་ཆེན་སྐུ་ཞབས་པད་མ་ཀར་ཝལ་ཝི་ Mr. Padmakar Valvi མཆོག།
རྒྱ་གར་གྱི་སྐབས་བཅུ་པའི་དབུས་འོས་བསྡུ་འགན་འཛིན་ཊི་ཨེན་སེ་ཤཱན་ Mr T. N. Seshan མཆོག
བདག་ཉིད་ཆེན་པོ་གཱན་དྷིའི་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཏུ་ཤར་གན་དི་ Mr. Tushar Gandhi ལགས།
རྒྱ་གར་གྱི་སྲིད་བློན་ལས་ཁུངས་ཀྱི་དྲུང་ཆེ་ཟུར་པ་སྐུ་ཞབས་སུ་དིན་ད་ར་ཀུལ་ཀར་ནི་ Mr. Sudheendra Kulkarni ལགས།
བྷི་བྷི་སི་གསར་ཁང་གི་གཙོ་འཛིན་མར་ཀ་ཊུ་ལི་ Mark
Tully ལགས། འཛམ་གླིང་ཞི་བདེ་བསྟི་གནས་ཁང་གི་སྲིད་བྱུས་སློབ་སྟོན་པ་ཌོག་ཊར་ཨེས་ཨེན་པ་ཐན་
Dr. S. N. Pathan ལགས་བཅས་ཡིན་འདུག
ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་
གྱི་གྲོང་ཁྱེར་པུ་ནེར་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་ལྷན་ཚོགས་ཐེངས་ལྔ་པར་ཆོས་ ལུགས་དང་འབྲེལ་བའི་དཀའ་རྙོག་སྐོར་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་།
སྐབས་དེར་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་ཟུར་པ་སྐུ་ཞབས་ནཊ་ཝར་སིངྒ་ Mr. Natwar Singh མཆོག་དང་།
ཧི་མ་ཅལ་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བྷི་རིཇ་བྷི་ཧ་རི་ལལ་བྷུ་ཊེལ་ Mr. Brij Behari Lal Butail མཆོག
མ་ཧཱ་ར་ཤི་ཊའི་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཧ་རི་བྷའུ་བྷ་ག་ཌེ། སྤྱི་ཚོགས་ལས་འགུལ་བ་གྲགས་ཅན་ཨ་ན་ཧ་ཛ་རེ་
Mr. Anna Hazare ལགས་སོགས་གསུང་བཤད་གནང་མཁན་ཁོང་སུ་ཡོད་འདུག
བརྙན་འཕྲིན་གཟིགས་ཆེད་འདིར་གནོན།
(https://www.youtube.com/watch?v=VVHlM56yGIA&app=desktop)
(https://www.youtube.com/watch?v=VVHlM56yGIA&app=desktop)
རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་ལྷན་ཚོགས་ནི་ཕྱི་ལོ་ ༢༠༡༡ ལོར་ཤེས་ཡོན་སློབ་སྟོན་པ་གྲགས་ཅན་དང་
MAEER’s MIT Group of
Institutions ཞེས་པའི་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ར་ཧུལ་ཝི་ཀ་རད་ Rahul V. Karad ལགས་ཀྱིས་གསར་འཛུགས་གནང་བ་ཞིག་ཡིན།
ལྷན་ཚོགས་འདི་ནི་ན་གཞོན་སློབ་མ་ཚོའི་ཁྲོད་གཞི་རིམ་གྱི་མང་གཙོའི་གོ་རྟོགས་ཇེ་ཆེར་གཏོང་ཐབས་དང་།
སློབ་ཕྲུག་རྣམས་དངོས་སུ་སྤྱི་ཚོགས་ནང་སྲི་ཞུ་སྒྲུབ་རྒྱུའི་བློ་སྟོབས་སྤེལ་ཐབས་སོགས་ལ་དམིགས་ཏེ་བཙུགས་པ་ཞིག་ཡིན་འདུག
ལྷན་ཚོགས་འདིའི་ནང་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ ༤༠༠ དང་མཐོ་སློབ་ཁག་ ༢༥༠༠ ནས་སློབ་མ་ཡོད་འདུག
།