དྲ་ཚིགས་དོ་བདག་པའི་ངོ་སྤྲོད་མདོར་བསྡུས།
དྲ་ཚིགས་དོ་བདག་པའི་ངོ་སྤྲོད་མདོར་བསྡུས།
ཕྲན་གྱི་སྨྱུག་མིང་ལ་རྡོ་ཕྲུག་དང་དངོས་མིང་ལ་འཆི་མེད་རྡོ་རྗེ།
སྤྱི་ལོ་1987ལོར་ཁམས་པའི་དཔའ་རྒོད་ཁྱུ་ཡི་གཡུར་ས་རུ་རྡོ་རིང་གི་རིགས་སུ་ལྟེ་ཁྲག་བཞུར།
སྤྱི་ལོ་2006ལོར་བཙན་བྱོལ་ལ་གོམ་ཁ་ཐོག་མར་སྤོ།
བཙན་བྱོལ་དུ་འབྱོར་རྗེས་ལོ་ལྔ་ཙམ་རིང་སློབ་གྲྭར་འགྲིམ་ཁུལ་བྱས།
ལོ་གཅིག་ཙམ་རིང་ནང་བསྟན་སྲི་ཞུ་ཁང་གི་བཀའ་བསྟན་དཔེ་བསྡུར་སྡེ་ཚན་དུ་དཔེ་བསྡུར་བའི་ལས་ཀ་ཅུང་ཟད་བྱས།
ད་ལྟར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སློབ་གྲྭའི་སློབ་སྤྱི་དང་ཚོགས་པའི་གཉེར་པ་གཅིག་ལྕོག་གི་འགན་ཁུར་ཁུལ་བྱེད་མུས་སུ་མཆིས།