རྩོམ་པ་པོ་འཇམ་དབྱངས་ནོར་བུ་དང་མཉམ་དུ་གླེང་མོལ་༡
བོད་མིས་དབྱིན་ཇིའི་སྐད་ཡིག་ནང་སྙན་ངག་དང་། བརྩམས་སྒྲུང་ལ་སོགས་འབྲི་མཁན་རྩོམ་པ་པོ་དང་ཁོང་ཚོའི་རྩོམ་རིག་གི་སྐོར་ལ་འཇམ་དབྱངས་ནོར་བུ་ལགས་དང་མཉམ་དུ་གླེང་མོལ་བྱས་པ་ཡིན།
དཔལ་ལྡན། འཇམ་དབྱངས་ལགས་།༡༩༥༠ནང་ལོ་རྒྱུས་ཀྱི་དུས་འགྱུར་ཆེན་པོ་བྱུང་ནས་རྒྱལ་བ་རིན་པོ་ཆེ་གཙོས་བོད་མི་སྟོང་ཕྲག་བརྒྱད་ཅུ་ལྷག་ཙམ་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་རྒྱ་གར་ནང་དུ་ཡོང་དགོས་བྱུང་བ་ནས་བཟུང་དབྱིན་ཡིག་སྦྱང་བའི་གོ་སྐབས་ཞིག་ཀྱང་བྱུང་།དེ་བྱུང་ནས་ད་ལྟ་བར་དུ་མི་ལོ་བཞི་བཅུ་ཆགས་ཡོད་པ་རེད། དེའི་ནང་འཇམ་དབྱངས་ནོར་བུ་ལགས་དབྱིན་ཇིའི་ནང་བོད་ཀྱི་སྐོར་ལ་རྩོམ་ཡིག་འབྲི་མཁན་གཙོ་བོ་ཞིག་དང༌། དེའི་སྐོར་ལ་ཤེས་རྟོགས་དང་རྒྱུས་མངའ་ཡོད་མཁན་ཆིག་རེད། བྱོལ་ཁྲོད་བོད་པ་ཡིས་དབྱིན་ཇིའི་ནང་བོད་ཀྱི་ལ་རྩོམ་ཡིག་བྲིས་ཡོད་པའི་སྐོར་སྤྱིར་བཏང་གི་ངོ་སྤྲོད་ཅིག་གནང་རོགས་ཞུ།

ཇིའི་སྦྱངས། དེ་ནས་ནང་པའི་ཐེག་ཆེན་ཞེས་པའི་བཏོན་པའི་དུས་དེབ་ནང་ནང་རྩོམ་མང་པོ་འདུག ཁོང་གིས་དབྱིན་ཇིའི་ནང་སྙན་ངག་དེ་འདྲ་རྩོམ་འདུག སྟོད་གངས་རི་རིན་པོ་ཆེ་ཡི་བསྟོད་པདང༌། སོ་སོའི་ཕ་ཡུལ་དྲན་གླུ། པོ་ཏཱ་ལ་བསྟོད་པ། རེབ་གོང་གི་བསྟོད་པ་དེ་འདྲ་མང་པོ་བྲིས་འདུག དེ་དག་དངོས་གནས་སྙན་པོ་ཡང་འདུག ཁོང་གིས་དབྱིན་ཇིའི་ནང་བྲིས་རྗེས་གཞན་གྱིས་བཟོ་བཅོས་རྒྱབ་འདུག་ཀྱང་། གཞིར་རྩ་ཞེ་དྲག་ཡག་པོ་འདུག ཁོང་རང་གི་སྙན་ངག་དང་རྩོམ་ཡིག་གཅིག་པུ་མིན་པར་ལོ་རྒྱུས་དེ་འདྲ་སོ་སོའི་ལུང་པའི་སྐོར་དང་གནས་སྐོར་གྱི་ལོ་རྒྱུས་ཁོང་ཨ་མདོ་ནས་ལྷ་ས་དང་། ལྷ་ས་ནས་རྒྱ་གར་དུ་ཕེབས་པའི་ལོ་རྒྱུས་སོགས་དབྱིན་ཇིའི་ནང་སྒྲུང་ནང་བཞིན་ཡག་པོ་ཞེ་དྲག་བྲིས་འདུག བོད་མིས་དབྱིན་ཇིའི་ནང་སྙན་ངག་དང་རྩོམ་རིག་རྩོམ་མཁན་དང་པོ་དེ་ང་རང་གིས་ཧ་གོ་བའི་ནང་ནས་ངོས་འཛིན་བྱེད་དགོས་པ་དེ་དགེ་འདུན་ཆོས་འཕེལ་ཡིན་པ་འདྲ། དེའི་རྗེས་སུ་ལྔ་བཅུ་ང་དགུའི་སྔོན་ལ་ཕལ་ཆེར་དེབ་རང་འདོན་མཁན།དེབ་ཟེར་དུས་སོ་སོའི་ལོ་རྒྱུས་གཅིག་པུ་མིན་པར་གང་ལྟར་ literature ཟེར་བ་དེ་རེད་ལ། གཙོ་བོ་ངོས་འཛིན་བྱེད་ན་། ཨེམ་རྗེ་སྤན་པ་ཚེ་རིང་རེད། ཁོང་ཨེམ་རྗེ་རེད། ཁོང་གིས་ཕྱི་རྒྱལ་གྱི་ཨེམ་རྗེའི་སྦྱོང་བརྡར་གནང་།
ཁོ་རང་ཚོའི་མི་ཚང་དེ་གྲོགས་པོ་མང་པོ་ཨ་མདོ་ནས་རེད།ཁོང་གི་ཕ་ལགས་སྔོན་མ་དབྱིན་ཇིའི་ཕྱག་ལས་གནང་ནས་ཆུང་དུས་ཕྱི་ལོག་ཏུ་བཞག ཁོ་རང་གིས་བོད་མཐོང་བ་རེད། བོད་ནས་འཚར་ལོངས་བྱུང་བ་རེད། རྗེས་ནས་དབྱིན་ཇིའི་སློབ་གྲྭ་ཞིག་ལ་ཕེབས། ཁོ་རང་གི་ལོ་རྒྱུས་དེ་འདྲ་དང་པོ་སོ་སོའི་ལོ་རྒྱུས་Young Tibet ལོ་ཆུང་བའི་སྐབས་ཀྱི་བོད་ནང་གི་ལོ་རྒྱུས་དང༌། དེའི་རྗེས་སུ་སྒྲུང་ནང་དུ་བྲིས་པ་ཞིག ལམ་ཟུར་གྱི་སྐུ་འདྲ ཞེས་བ་བྲིས་འདུག དེ་ནི་སྒྲུང་ལྟར་རྒྱ་དམར་བོད་ལ་ཡོང་། བོད་ལ་བཙན་གནོན་བཏང་། བོད་མིས་ང་རང་ཚོའི་ལས་ཀ་ནོར་འཁྲུལ་བྱུང་བ་དང་། དེའི་ནང་སྐུ་དྲག་རིང་ལུགས་དང་གྲྭ་བ་སོགས་ཀྱི་ལོ་རྒྱུས། དེ་དག་ཡག་ཐག་ཆོད་འདུག ངས་བསམས་ན་དེའི་ནང་སྤྱོད་པ་ཉེས་པོ་དང་བསྟན་ཞིག་ཚ་བོ་འདུག ཚང་མ་སྲིད་དོན་གཅིག་པུའི་སྐད་ཆ་མ་རེད། དེའི་ནང་བོད་མིའི་གཤིས་ཀ་སོགས་ཀྱང་བསྟན་འདུག
དཔལ་ལྡན། འཇམ་དབྱངས་ལགས། དེ་ག་དུས་རེད།
འཇམ་དབྱངས། དེ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བརྒྱད་ལྔ་དགུ་སྐབས་ཡིན་པ་འདྲ།
དཔལ་ལྡན། དེ་བོད་མ་ཤོར་བའི་སྔོན་ལ་རེད་དམ།
འཇམ་དབྱངས་། དེ་མ་རེད། དྲུག་ཅུ་རེ་གཅིག་རེ་གཉིས་ཀྱི་སྐབས་ཡིན་པ་འདྲ། ཡིན་ནའང་སྔ་བོ་རེད། དེ་ དབྱིན་ལན་དུ་པར་རྒྱབ་འདུག རྗེས་ནས་པར་གསར་བ་འདྲ་བྱུང་མི་འདུགདེ་སྒྲུང་ནང་བཞིན་བྲིས་འདུག་ལ་ཞེ་དྲག་ཡག་པོ་འདུག དེ་ག་རེ་འདུག་ཟེར་ན། ཕྱི་རྒྱལ་གྱིས་བྲིས་པའི་བོད་ཀྱི་ལོ་རྒྱུས་མིན་པར་། བོད་པས་བོད་ཀྱི་སྐོར་འབྲི་དུས་སྤྱོད་པ་ཉེས་པོ་འདུག དེའི་ནང་ཁོང་གིས་རྫོང་དཔོན་གྱི་ལོ་རྒྱུས་ཞིག་བྲིས་འདུག་ལ། སྐུ་དྲག་ཚོ་ལ་སྐྱོན་བརྗོད་མང་བོ་གནང་འདུགཕར་ཕྱོགས་མི་དེའི་སྤྱོད་པ་ཉེས་པོ་དང་བསྟན་ཞིག་ཚ་བོ་ཡང་བྲིས་བྱ། ག་རེ་ཡིན་ནའང་། དབྱིན་ཇིའི་ནང་བོད་པ་ཞིག་གིས་འབྲི་དུས་བྲོ་བ་མ་འདྲ་ཞིག་འདུག ད་དུང་ཁོང་གིས་དེབ་གསར་བ་ཞིག་ཀྱང་བྲིས་ཡོད་པ་རེད་ཟེར་བ་ཁོང་གིས་ཀྱང་བརྗོད་མྱོང་། པར་རྒྱབ་པ་མང་བོ་མི་འདུག ཁོ་རང་གི་ནང་ལོགས་སུ་གསར་བ་འདྲ་བྲིས་ཡོད་པ་འདྲ། ཁོ་རང་དེའི་ཐོག་ལ་གནད་འགག་ཆེན་པོ་རེད། ཁོང་གི་མིང་ལ་སྤེན་པ་ཟེར། ཁོ་རང་ཨེམ་རྗེ་གནང་ནས་བོད་པ་སྐྱབས་བཅོལ་ཡོང་མཁན་རྣམས་ལ་རྡོ་རྗེ་གདན་དུ་་རོགས་པ་མང་པོ་གནང་ཡོད་པ་རེད། རྗེས་སུ་འབྲུག་རྒྱལ་བོ་ཡི་ཨེམ་རྗེ་གནང་བ་རེད། ཁོ་རང་མི་ཧྲ་ཐག་ཐག་ཅིག་ཡོད་པ་རེད། ང་ཚོ་སྐྱབས་བཅོལ་ལ་ཡོང་ནས་བོད་པ་མང་པོ་ཞིག་ལ་དབྱིན་ཇི་སློབ་པའི་གོ་སྐབས་ཅི་འདྲ་རེག་པ་རེད་ཟེར་ན། དང་པོ་བོད་གཞུང་གི་སློབ་གྲྭ་ཡག་པོ་ཧྲ་ཐག་ཐག་ཅིག་འཛུགས་མ་ཐུབ་པར་། མང་པོ་ཞིག་ཡེ་ཤུ་སློབ་གྲྭ་ནང་དུ་སོང་པ་རེད། ཁ་ཤས་ཡེ་ཤུའི་མིས་སྙིང་རྗེ་ལ་བརྟེན་ནས་ཚུད་ཡོད་པ་རེད། ཁ་ཤས་ཕྱི་རྒྱལ་རོགས་རམ་ཚོགས་པས་ཡེ་ཤུའི་སློབ་གྲྭ་ཡི་ནང་དུ་ཚུད་ཡོད། བོད་པ་མི་མང་པོ་ཞིག་ཡེ་ཤུའི་སློབ་གྲྭར་ཚུད་སྟབས་དབྱིན་ཇི་སློབ་སྦྱོང་ཡག་པོ་བྱུང་བ་རེད། སློབ་གྲྭ་དེ་དག་མང་ཆེ་བ་ཡག་པོ་ཡིན་སྟབས་བོད་པ་ཚོ་དབྱིན་ཇི་ཡག་པོ་བྱུང་ཡོད། ཡིན་ནའང་། སྡུག་ཤོས་དེ་དབྱིན་ཇིའི་སློབ་གྲྭར་ཚུད་དུས་བོད་པའི་གོམས་གཤིས་དང་རིག་གཞུང་ལ་ཅུང་ཁ་བྲལ་དུ་གནས་ཡོད་པ་རེད། དེར་བརྟེན་བོད་ཀྱི་སྤྱི་ཚོགས་ཐོག་དབྱིན་ཇིའི་རྩོམ་མང་པོ་གང་ཡང་བྱུང་ཡོད་པ་མ་རེད་བསམ་གྱིན་འདུག དེའི་ནང་ང་ཚོ་སྐྱབས་བཅོལ་གྱི་གནས་སྟངས་ལ་མཚོན་ན། སྤྱིར་བཏང་སྐབས་དེར་ང་ཚོ་མི་རྣམས་སྐྱབས་བཅོལ་ལ་སླེབས་ནས་འུ་ཐུག་དུས། ལས་ཀ་གསར་བ་ཡི་འགོ་རྩོམ་པ་དང་བསམ་བློ་གསར་བ་བཏང་ནས་རྩོམ་གསར་བ་རྒྱག་རྒྱུ་སྐབས་དེར་ཕལ་ཆེར་དཀོན་པོ་རེད། མང་པོ་ཞིག་གིས་་སོ་སོའི་བསམ་ཚུལ་རྙིང་བ་བཟུང་ནས་བོད་སྔ་མོའི་ཆོས་དང་སྔ་མོའི་རིག་གཞུང་སྲུང་སྐྱོབས་བྱེད་རྒྱུ་མ་གཏོགས་གསར་བ་བྱེད་རྒྱུ་ཧ་ཅང་ཉུང་ཉུང་རེད། མགོ་སྐུ་མདུན་ནས་མར་རྒན་པ་དེ་དག་སོ་སོའི་རྙིང་བ་སྲུང་སྐྱོབས་བྱེད་རྒྱུ་མ་གཏོགས་གསར་བ་བྱེད་རྒྱུ་བསམ་བློ་ཞེ་དྲག་ཡོད་མཁན་ཕལ་ཆེར་སྐབས་དེར་ངས་མཐོང་མ་མྱོང་། དེ་ནས་ལོ་ཆུང་བ་མང་པོ་རྡ་རམ་ས་ལར་ལས་ཀ་བྱེད་དུ་ཡོང་དུས། ལོ་ཆུང་དེ་དག་དབྱིན་ཇིའི་སློབ་གྲྭ་ནས་ཡོང་དུས་རང་དགར་སྡོད་ཀྱི་མ་རེད། ག་རེ་ཡིན་ན་མི་ཟེར་བ་དེས་རང་བཞིན་གྱིས་སོ་སོའི་རྣམ་དཔྱོད་སྟོན་དགོས་བ་ཞིག་ཡིན་སྟབས། རྩོམ་འབྲི་སོགས་ཐོག་ལ་ལོ་གཞོན་མང་པོ་ཞིག་གིས་ལས་ཀ་ཁ་ཤས་བྱས་ཡོད་པ་རེད། དང་པོ་དབྱིན་ཇིའི་ནང་ངས་འབྲི་དུས་
བདུན་ཅུ་ཐམ་པ་ལོ་ཡིན། གཏམ་རྒྱུད་དེ་འདྲ་ཁ་ཤས་བྲིས་ཡོད། དང་པོ་དབྱིན་ཇིའི་བྲིས། དེ་ནས་བོད་ཡིག་ནང་དུ་བསྒྱུར་ནས་འཁྲབ་སྟོན་བྱས་ཡོད་པ་རེད། གཏམ་རྒྱུད་ཅིག་རྒྱ་ནག་པོའི་གཏམ་ཟེར་བ་ཞིག་རྒྱ་མི་དང་པོ་ལྷ་སར་ཡོང་དུས་མི་ཚང་ཞིག་གི་ནང་སྤུན་གཅིག་རྒྱ་མིའི་གསར་བརྗེ་བྱས་བར་བློ་ཕྱོགས་པ་དེས་མི་ཚང་དེའི་ནང་རྙོག་དྲ་ཡོང་བའི་ལོ་རྒྱུས་ཞིག་རེད། དེ་འཁྲབ་ཀྱང་འཁྲབ་པ་རེད། རྒྱལ་བ་རིན་པོ་ཆེ་ཡིས་མཉེད་བོ་གནང་བ་དང་། དེ་དག་ཁག་མང་པོ་ངས་བྲིས་ཡོད། དེ་ཚོ་མང་ཆེ་བ་གཏམ་རྒྱུད་དེ་འདྲ་རེད། དེ་ནས་ལོ་ཆུང་ཁ་ཤས་སྙན་ངག་ལ་དགའ་མཁན་ཚོས་ཕལ་ཆེར་ལོ་ལྔ་དྲུག་ལ་ག་ལེར་ཐབས་ཤེས་གནང་ནས་ཁོ་རང་ཚོས་གསར་དེབ་ཞིག་བཏོན་ཡོད་པ་རེད། Young Tibet བོད་ཀྱི་གཞོམ་སྐྱེས་ཞེས་པའི་གསར་དེབ་དེ་སྙན་ངག་སོགས་ལ་དོ་སྣང་བྱེད་མཁན། ་རིག་པ་ཅན་དོན་གྲུབ་ཟེར་བ་ཞིག་དང༌། ད་ལྟ་བོད་པའི་གློག་བརྙན་བཟོ་མཁན་བསྟན་འཛིན་བསོད་ནམས་དང་། ཟླ་བ་ནོར་བུ་ཟེར་བ་ད་ལྟ་མཁས་བ་ཞིག་ཡོད་པ་དེ་དང། སྐལ་བཟང་དོན་ལྡན་ཟེར་བ་
བཅས་ཁོ་ཚོ་གཙོ་བྱས་གཞན་དག་ཁ་ཤས་ཀྱིས་སྙན་ངག་དང་གཏམ་རྒྱུད་བྲིས་ནས་དང་པོ་ཁོང་ཚོས་ Young Tibet བོད་ཀྱི་གཞོན་སྐྱེས་ཟེར་བ་ཞིག་བཏོན་པ་རེད།
དཔལ་ལྡན། འཇམ་དབྱངས་ལགས དེའི་ནང་རྒྱལ་པོ་ཚེ་རིང་ཟེར་བ་ཞིག་འདུག ཁོང་སུ་ཡིན་ནམ།
འཇམ་དབྱངས། ཁོ་རང་ཆུང་དུས་ནས་ཡེ་ཤུའི་སློབ་གྲྭ་སོང་བ་རེད། ཕལ་ཆེར་ཁོ་ཚོའི་ནང་ཡག་ཤོས་དེ་རྒྱལ་པོ་ཚེ་རིང་ཡིན་པ་འདྲ། རྒྱལ་པོ་ཚེ་རིང་ཁོ་ཚོ་ནང་བཞིན་ སློབ་སྦྱོང་ཚད་མཐོན་པོ་ཐོན་ཡོད་པ་མ་རེད། ཁོང་ལ་རང་བཞིན་གྱིས་སྙན་ངག་སོགས་ཀྱི་ནུས་བ་འདུག དེའི་ནང་རྒྱལ་པོ་ཚེ་རིང་གིས་སྲིད་དོན་གྱི་སྐོར་རང་མིན་ཀྱང་ཁ་ཐུག་བོད་མིས་རྒྱ་མི་ལ་འཛིང་བའི་ལོ་རྒྱུས་སྐོར་སྙན་ངག་ནང་བཏོན་ཡོད་པ་རེད། སོ་སོིའི་ལུང་པའི་སྐོར་ལ་ཁོང་གིས་ཤུགས་ཆེན་པོ་བྲིས་འདུག ད་ལྟ་ཁོང་ཁཱ་ནཱ་ཊཱ་བཞུགས་ཡོད་པ་དང་། སྙན་ངག་ཅུང་འབྲི་གནང་གི་ཡོད་
པ་འདྲ། ཡིན་ནའང་། ཤུགས་ཆེན་པོ་ཡོད་པ་མ་རེད། དེའི་ནང་གཞུང་གི་ཕྱག་ལས་གནང་མཁན་བསམ་འཕེལ་ཟེར་བ་ཞིག་ཡོད་པ་རེད། སྙན་ངག་དེ་འདྲ་བྲིས་ཡོད་པ་རེད། དེའི་ནང་འབྲི་མཁན་ལྟེ་བ་བསྟན་འཛིན་བསོད་ནམས་དང་། དོན་གྲུབ་ཁོ་ཚོ་རེད། ཁོང་ཚོས་སྙན་ངག་མང་བོ་བྲིས་ཡོད་པ་རེད།
རྩོམ་པ་པོ་འཇམ་དབྱངས་ནོར་བུ་དང་མཉམ་དུ་གླེང་མོལ་༢
དཔལ་ལྡན། འཇམ་དབྱངས་ལགས།༡༩༧༠ལོའི་མཇུག་ཏུ་བཙན་བྱོལ་ནང་འཚར་ལོངས་བྱུང་ནས་དབྱིན་ཇིའི་སྦྱང་བར་གོ་སྐབས་བྱུང་བའི་གཞོན་སྐྱེས་མང་པོ་ཞིག་གི་རྩོམ་པ་པོའི་དཔུང་སྡེ་ཟེར་ནའང་། གང་ལྟར་གཞོན་སྐྱེས་ལྔ་དྲུག་ཙམ་མཉམ་དུ་འདུས་ནས་བོད་ཀྱི་གཞོན་ནུ་ཟེར་བའི་དུས་དེབ་ཞིག་པར་སྐྲུན་བྱས་ནས་ཁོ་ཚོས་བརྩམས་པའི་སྙན་ངག་སོགས་པར་བསྐྲུན་བྱེད་འགོ་བཙུགས་འདུག ཁོང་རྣམས་གྱིས་ཐེངས་དང་པོ་བོད་ཀྱི་གཞོན་ནུ་ཞེས་པའི་དུས་དེབ་དེ་འདོན་འདུག། གཞོན་སྐྱེས་དེ་དག་སོ་སོའི་ཕ་ཡུལ་དང་ཁ་བྲལ་བ་དང་། ཐ་ན་སོ་སོའི་ཕ་ཡུལ་མིག་གིས་མཐོང་མེད་པ་རྐྱང་རེད། ཁོ་ཚོའི་སྙན་ངག་གི་བརྗོད་གཞི་གཙོ་བོ་ག་འདྲ་ཆགས་ཡོད་པ་རེད།
འཇམ་དབྱངས་། དེ་དུས་ཕ་ཡུལ་སྐོར་ལ་དེ་འདྲ་མང་པོ་ཞིག་མེད། ཅུང་ཡོད་ཀྱང་ཤུགས་ཆེན་པོ་མེད། ཡག་ཤོས་དེ་རྒྱལ་པོ་ཚེ་རིང་རེད། ཁ་ཐུག་གི་ལྟ་ཕྱོགས་རེད། བོད་ཀྱི་གཞོན་ནུ་ཟེར་བ་དེ་བཏོན་པ་རེད། དེ་ནས་དུས་དེབ་དེའི་མིང་བསྒྱུར་ནས་པདྨ་ཐང་ཟེར་བ་ཞིག་ལྷ་སའི་པདྨ་ཚེ་རིང་གིས་ཐེངས་ཁ་ཤས་བཏོན་ནས་ཡག་པོ་འདུག སྤྱི་ཚོགས་ལ་ཡང་ཕན་སོང་བསམས་བྱུང་། སྐབས་དེར་ཚགས་པར་དེ་འདྲ་རེག་རྒྱུ་ཁག་པོ་རེད། རྙིང་པ་དེ་དག་རེག་ན་གསར་བ་ཆགས་ཡོད་པ་རེད། དེ་འདྲ་ཁ་ཤས་བྱུང་ཡོད་པ་རེད། དེབ་རང་འབྲི་མཁན་ཟླ་བ་ནོར་བུ་རེད། ཁོང་རང་གི་སོ་སོའི་ཕ་ཡུལ་སྐོར་ཡག་ཐག་ཆོད་ཅིག་བྲིས་ཡོད་པ་ཐེངས་གཅིག་གཉིས་ཤིག་་པར་ཚར་བ་རེད། དེ་ལྟར་སོ་སོའི་ལོ་རྒྱུས་སྐོར་ཅུང་འབྲི་མཁན་ཡང་ཁག་ཁ་ཤས་ཤིག་བྱུང་ཡོད། དྲུང་པ་རིན་པོ་ཆེ། བཀའ་བརྒྱུད་པའི་བླ་མ་ཞིག་གིས་སྙན་ངག་གསར་བ་ཁྱད་མཚར་ཞིག་ཁོང་གིས་ཆོས་དང་འབྲེལ་བ་ཡོད་པ་དང་། དེང་དུས་ཀྱི་ཕྱི་རྒྱལ་སྙན་ངག་ཨཱ་ལན་གཱན་ངྡི་འབག་ཟེར་བ་ཞིག ཨ་མེ་རི་ཁའི་སྙན་ངག་པ་སྐད་གྲགས་ཆེ་ཤོས་ཤིག་
དང་མཉམ་དུ་༡༩༦༠་ནང་འཛམ་གླིང་སྒང་སྙན་ངག་པ་སྐད་གྲགས་ཆེན་པོ་ཡོད་པ་ཁོ་ཚོ་མཉམ་དུ་ནང་ཆོས་དང་འབྲེལ་བ་ཡོད་པ། དེང་དུས་སྙན་ངག་ཡིན་པ་ཞིག་ཁོང་གིས་དབྱིན་ཇིའི་ནང་བཏོན་འདུག ཁོང་གིས་ཕྱག་དེབ་ཡང་ཁ་ཤས་ཡང་ཆོས་གཅིག་པུ་མིན་པར་སོ་སོིའི་ལོ་རྒྱུས་དེ་འདྲ་ཁ་ཤས་ཀྱང་བཏོན་འདུག དྲུང་པ་རིན་པོ་ཆེ་བོད་པའི་ནང་དབྱིན་ཇིའི་རྩོམ་འབྲི་བའི་ཐོག་ཁོང་རང་གནད་འགག་ཞིག་ཆགས་ཡོད་བསམས། དེ་འདྲའི་མཚོན་པའི་ཁག་ཁ་ཤས་བྱུང་ཡོད་པ་མ་གཏོགས། ངས་བསམ་ན་ཧ་ཅང་ཚགས་ཚུད་པོ་དེ་འདྲ་བྱུང་ཡོད་པ་མ་རེད་བསམས།
དཔལ་ལྡན་། གང་ལྟར་ད་ལྟ་བར་དུ་བོད་པ་མང་པོ་ཞིག་གིས་སོ་སོའི་མི་ཚེའི་ལོ་རྒྱུས་ཟེར་ན་སོ་སོ་བོད་དུ་ཡོད་དུས་གནས་སྟངས་དག སྐབས་དེར་ཕྱི་དྲན་བྱེད་ཆེད་དབྱིན་ཇིའི་ནང་གང་ལ་གང་འཚམ་གྱི་དེབ་མང་བོ་ཞིག་བྲིས་ཡོད་པ་རེད། སྤྱིར་བཏང་བོད་ཀྱི་སྤྱི་ཚོགས་ནང་གཞོན་སྐྱེས་མང་པོ་ཞིག་གིས་དབྱིན་ཇིའི་ཤེས་བ་རེད། ཁོང་ཚོས་དོ་སྣང་ག་འདྲ་གནང་གི་འདུག
འཇམ་དབྱངས། དེ་ཧ་ལས་པས་དེ་འདྲ་མ་རེད། ཁྱེད་རང་གིས་མཁྱེན་གསལ་རེད། རྡ་རམ་ས་ལར་
ཕེབས་དུས། མ་གཞིར་བོད་ཀྱི་སྤྱི་ཚོགས་རང་དེ་འདྲ་དོ་སྣང་བྱེད་མཁན་ཅིག་མ་རེད། ཆོས་བ་དང་བླ་མ། སྲིད་དོན་པ་དང་ཚོང་བ་སོགས་ལ་ཡར་མིག་བལྟ་བ་མ་གཏོགས། རྩོམ་དང་སྙན་ངག་འབྲི་མཁན་ལ་མཐོང་ཆུང་རང་མེད་ན་ཧ་ཅང་མཐོང་ཡོད་པ་ཞིག་མ་རེད། ལོ་ཆུང་བ་མང་པོ་ཞིག་གིས་དབྱིན་ཇིའི་ཤེས་ནའང་ལས་ཀ་རེག་ཐབས་མ་གཏོགས་སྙན་ངག་དེ་འདྲ་ལ་བསམ་བློ་གཏོང་མཁན་ཞིག་མ་རེད། དེའི་ནང་སྐྱབས་བཅོལ་སྤྱི་ཚོགས་ཡིན་སྟབས་མང་བོ་ཞིག་གིས་ལྟོ་གོས་དང་དཀའ་ངལ་ལ་བསམ་བློ་གཏོང་བ་མ་གཏོགས་སྙན་ངག་སོགས་ལ་ཤུགས་ཆེན་བསམ་བློ་གཏོང་མཁན་ཧ་ཅང་སྐྱོ་བོ་རེད། དངོས་ཡོད་གནས་ཚུལ་ལ་དེ་འདྲ་ཆགས་བསྡད་ཡོད་པ་འདྲ།
དཔལ་ལྡན། བཙན་བྱོལ་སྤྱི་ཚོགས་ནང་ང་རང་ཡང་རྒྱུན་རིང་པོ་བསྡད་པ་རེད། ང་རང་གིས་ཉམས་མྱོང་སྒང་བལྟས་ན། བཙན་བྱོལ་སྤྱི་ཚོགས་ནང་བྱིས་པ་སློབ་གྲྭར་འགྲོ་དུས་ཆབ་སྲིད་ཀྱི་ལྟ་བ་ཤུགས་ཆེན་པོ་སྤྲད་
ནས་རྩོམ་རིག་ལ་སྣང་ཆུང་བྱས་པ་འདྲ་པོ་ངས་མཐོང་གིན་འདུག ག་དུས་ཡིན་ནའང་། ཆབ་སྲིད་ཀྱི་སྐོར་མ་གཏོགས་རྩོམ་རིག་སྒྱུ་སྩལ་དེ་འདྲ་མང་པོ་ལ་དོ་སྣང་མི་བྱེད་པ་མཐོང་གི་འདུག དཔེར་ན་བོད་ནང་དུ་མཚོན་ན་གཞོིན་སྐྱེས་མང་པོ་ཞིག་གིས་རྩོམ་རིག་དང་སྙན་ངག་མང་པོ་འབྲི་གནང་གི་འདུག སྤྱིར་བཏང་ང་ཚོའི་བོད་མི་རིགས་འདི་ལོ་རྒྱུས་སྒང་བལྟ་དུས། རྩོམ་རིག་དང་སྙན་ངག གླུ་ལེན་པ་སོགས་སྐྱིད་པོ་འདུག་མཁན་གྱི་མི་རིགས་ཤིག་རེད། དེ་ཡིན་དུས་བོད་ནང་དུ་ཕོན་ཆེན་ཡོང་གི་འདུག ཕྱི་ལོགས་ནས་ཡོང་ཐུབ་ཀྱི་མི་འདུག ངས་བལྟ་ཚུལ་ཡིན་ན། བོད་ནང་གཞོན་སྐྱེས་དེ་ཚོ་ལ་ཆབ་སྲིད་ཀྱི་སྐོར་ལ་བསམ་བློ་གཏོང་བའི་གོ་སྐབས་མ་རེག་སྟབས རྩོམ་རིག་གི་ལམ་ཁ་མ་འགྲོ་རང་འགྲོ་ལྟ་བུ་མཐོང་གི་འདུག བཙན་བྱོལ་ནང་ཆབ་སྲིད་ཀྱི་སྐོར་ལ་ཤུགས་ཆེན་པོ་བསམ་བློ་བཏང་བ་ཡིན་སྟབས་རྩོམ་རིག་གི་སྐོར་ལ་འགྲོ་མ་ཐུབ་པ་དེ་འདྲ་མཐོང་གི་འདུག ཁྱོད་རང་གིས་ག་འདྲ་བསམ་གྱིན་འདུག
འཇམ་དབྱངས། དཔལ་ལྡན་ལགས། ཁྱེད་རང་གི་དགོངས་པ་དེ་ངས་ཁ་ཐུག་གི་ཞུས་ན་ནོར་འཁྲུལ་མིན་ནམ་སྙམ། ག་རེ་ཟེར་ན། སྐྱབས་བཅོལ་ནང་རྩོམ་རིག་ལ་དོ་སྣང་གནང་མཁན་ཉུང་བ་དང་། བོད་ནང་མང་བ་ཡིན་པ་ངས་ཁས་ལེན་བྱས་ཆོག རྒྱུ་མཚན་དེ་ངས་ཆབ་སྲིད་ཐོག་བྱུང་བ་བསམ་གྱི་མི་འདུག སྐྱབས་བཅོལ་ནང་ཆབ་སྲིད་ཐོག་སྐད་ཆ་བཤད་པ་མ་གཏོགས་ཧ་ཅང་དོ་སྣང་བྱེད་པ་གང་ཡང་མ་རེད། དེའི་ཐོག་སྐད་ཆ་རེ་བཤད་པ་མ་གཏོགས་ཆབ་སྲིད་ཐོག་ལ་བསམ་བློ་བཏང་། ཉམས་ཞིབ་བྱེད་མཁན་མང་པོ་ངས་མཐོང་མ་སོང་། ཆབ་སྲིད་ཐོག་ལ་དོ་སྣང་བྱས་པ་ཡིན་ན། སྔོན་མ་ཨུ་རུ་སི་རྒྱལ་ཁབ་གུང་ཁྲན་ཏང་འོག་ཏུ་ཡོད་དུས་ཆབ་སྲིད་ཐོག་མི་རྣམས་ཀྱིས་བསམ་བློ་མ་བཏང་རང་བཏང་ཡིན་སྟབས། དེིའི་ཐོག་རྩོམ་པ་པོ་མང་པོ་ཞིག་ཐོན་ཡོད་པ་རེད། དཔེར་ན་རྒྱ་གར་ནང་ཆབ་སྲིད་ཀྱི་སྐད་ཆ་ཡོད་ཡོད་པ་རེད། རྒྱ་གར་ནང་རྩོམ་པ་པོ་ཧ་ཅང་མང་པོ་ཐོན་གྱི་ཡོད་པ་རེད། འཛམ་གླིང་ནང་སྐད་གྲགས་བཞག་པ་དེ་འདྲ་མང་པོ་འདུག ང་ཚོའི་སྐྱབས་བཅོལ་ནང་རྩོམ་པ་པོ་ཅུང་
ཡོད་པ་དེ་ཚོ་ཡང་ཤུགས་ཆེན་པོས་ཆབ་སྲིད་ལ་དོ་སྣང་བྱས། ང་རང་ལ་མཚོན་ན་རྩོམ་ཅུང་འབྲི་བ་དེ་ཡང་ཆབ་སྲིད་ཀྱི་གནད་འགག་ཅིག་ཡོད་པ་རེད། ག་རེ་ཟེར་ན། ང་ཆབ་སྲིད་ལ་དོ་སྣང་ཡོད་སྟབས་རྩོམ་ཞིག་རྒྱབ་ན་ཡང་དེ་ལ་དགའ་སྣང་ཡོད་པ་རེད།
དཔལ་ལྡན། འཇམ་དབྱངས་ལགས། དེ་ལ་ངེད་གཉིས་ཅུང་གོ་ལོག་ཐེབས་བྱ། དཔེར་ན།་བོད་ནང་དུ་སུ་ཡིན་རུང་ཆབ་སྲིད་ལ་བསམ་བློ་གཏོང་གི་ཡོད་པ་རེད། བསམ་བློ་ཤུགས་ཆེན་པོ་བཏང་བ་ལྟར་འདོད་པ་སྒྲུབ་ཐུབ་ཀྱི་ཡོད་པ་མ་རེད། སྐད་ཆ་བཤད་པའི་དབང་ཆ་ཡོད་པ་མ་རེད། ལས་འགན་སྤེལ་བའི་ཐོབ་ཐང་ཡོད་པ་མ་རེད། དེ་ཡིན་དུས་སྨྱུ་གུ་བཟུང་ནས་ཅིག་འབྲི་དགོས་འཁེལ་བ་རེད། དེ་འདྲ་ཡིན་དུས་མང་པོ་ཞིག་ཡོང་གི་འདུག རྒྱ་གར་ནང་ཡིན་ན་ངས་མཐོང་སྣང་ལ་འབྲི་དགོས་བ་མ་རེད། བཤད་བསྡད་ན་འགྲིག་གི་ཡོད་པ་རེད། བཤད་ཆོག་གི་ཡོད་པ་རེད། དེ་འདྲའི་ཁྱད་པར་མིན་ནམ་བསམས།
འཇམ་དབྱངས། གཅིག་བྱས་ན་དེ་གནས་ཚུལ་གཞན་ཞིག་མིན་ནམ་བསམས། རྒྱ་ནག་ནང་རང་དབང་གི་རྩོམ་འབྲི་ཆོག་པ་མ་རེད། དཔེར་ན་རྩོམ་དེ་འདྲ་གུང་ཁྲན་གྱིས་ག་དུས་ཡིན་ནའང་སྲིད་དོན་གྱི་ལག་ཆ་ལ་ངེས་འཛིན་བྱས་ནས་རྩོམ་པ་པོ་དེ་ཚོ་རང་དབང་མ་སྤྲད་ན་ཡང་། འཆམ་པོ་བྱས་ཏེ་ཉར་ནས་བེད་སྤྱོད་ཅིག་གཏོང་གི་ཡོད་པ་རེད།ང་ཚོའི་སྐྱབས་བཅོལ་ནང་དེ་འདྲའི་དོ་སྣང་དང་བདག་པོ་ཡོད་པ་མ་རེད། དཔེར་ན། གཞུང་ལ་བསྟོད་པ་འདྲ་བྲིས་ནའང་པར་རྒྱག་མཁན་ཧ་ཅང་ཡོད་པ་མ་རེད། དོ་སྣང་བྱེད་མཁན་ཡང་ཡོད་མ་རེད། ང་ཚོའི་བསམ་བློ་རྙིང་བ་དང་གུ་དོགས་པོ་གནང་ནས་བསྡད་པ་མིན་ནམ་བསམས། བོད་ནང་རྒྱ་དམར་གུང་ཁྲན་གྱིས་རྩོམ་དང་དེ་འདྲའི་ཐོག་རྒྱ་དམར་གུང་ཁྲན་གྱི་སྲིད་དོན་དང་ཆབ་སྲིད་སྤེལ་བ་ལ་ལག་ཆར་མཐོང་སྟབས། དེ་དོ་སྣང་བྱེད་ཆེད་དེང་སང་ལོ་གཞོན་མང་པོ་ཞིག་སྤྲོ་བ་སླེབས་ཆེད་རེད། ལམ་ཁ་ཞིག་འདིར་མིན་ནམ་བསམས། གཉིས་པ་དེ་སོ་སོ་ཕྱི་ལོག་ཏུ་ཁ་ཐུག་ཐོན་ནས་ཁྱེད་ཀྱིས་གསུངས་བ་ལྟར་སོ་སོའི་བསམ་བློའི་ནང་ག་རེ་ཡོད་པ་བཤད་ཐུབ་ཀྱི་ཡོད་པ་མ་རེད། དེ་ལྟར་བྲིས་ནའང་། ག་ལེར་མ་འོངས་བར་པར་རྒྱག་ཐུབ་ན་སོ་སོའི་གསང་བའི་ཐོག་པར་རྒྱག་ཐུབ་པ་ཡིན་ན། མི་སུ་ཡིན་ན་སོ་སོའི་ཁོག་པའི་ནང་ཡོད་པ་དེ་མར་ཐོན་དགོས་པ་དང་། བཤད་དགོས་པའི་རྔམ་སྣང་ཞིག་ཡོད་པ་རེད། ངས་བསམ་ན་དེ་འདྲ་ཞིག་མིན་ནམ་བསམས།
རྩོམ་པ་པོ་འཇམ་དབྱངས་ནོར་བུ་དང་མཉམ་དུ་གླེང་མོལ་༣
དཔལ་ལྡན། འཇམ་དབྱངས་ལགས་། འདས་པའི་ལོ་བཞི་བཅུའི་ནང་བོད་པས་སོ་སོའོ་ལོ་རྒྱུས་དང། དཔྱད་རྩོམ་དེ་འདྲ་དབྱིན་ཡིག་ནང་བྲིས་ཡོད་ཀྱང༌། བོད་པས་དབྱིན་ཇིའི་ནང་བརྩམས་སྒྲུང་དང་སྙན་ངག་དེ་འདྲའི་གསར་རྩོམ་རང་བཞིན་ལྡན་པ་ག་འདྲ་ཡོད་པ་རེད།
འཇམ་དབྱངས་། ཁྱེད་རང་ཚོས་གཟིགས་ཡོད་པ་མ་རེད། དཔེར་བཞག་ན། ང་རང་གིས་གཏམ་རྒྱུད་དྲུག་ཙམ་བྲིས་ཡོད། སྔ་ལོ་དེ་འདྲ་འཁྲབ་ཡོད་པ་རེད།
དཔལ་ལྡན། འཇམ་དབྱངས་ལགས། ཁྱེད་རང་གིས་བརྩམས་སྒྲུང་དང་གཏམ་རྒྱུད་དེ་འདྲ་མང་པོ་ཞིག་བྲིས་ཡོད་པ་རེད། ང་རང་གིས་བཤད་པ་དེ་ཚད་དང་ལྡན་པའི་པར་སྐྲུན་ཁང་ཞིག་གིས་པར་བསྐྲུན་བྱས་ནས་དབྱིན་ཇིའི་ནང་དེབ་ཅིག་བོད་ཀྱི་བརྩམས་སྒྲུང་དང་ཡང་ན་གཏམ་རྒྱུད། ཡང་ན་སྙན་ངག་ལ་སོགས་པའི་དེབ་དེ་འདྲ་ཞིག་ཚད་དང་ལྡན་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་སླེསབ་ཡོད་དེ་འདྲ་་ད་ལྟ་བྱུང་ཡོད་པ་མ་རེད་ཟེར་གྱིན་ཡོད།
འཇམ་དབྱངས་། པར་རྒྱབ་པ་དེ་འདྲ། སྒྲུང་ཐུང་ཐུང་དང་དེབ་ལ་བསྐྱར་ཞིབ་བྱས་པ་དེ་འདྲ་སྔོན་མ་རྒྱ་གར་ཚགས་པར་སོགས་དེ་འདྲའི་ནང་བཀོད་ཡོད། སྤྱིེར་བཏང་ཚགས་པར་ཟེར་བ་དེའི་ནང་སྙན་ངག་ཟེར་བ་དེ་འདྲ་གནད་འགག་ཆེན་པོ་སླེབས་ཡོད་པ་མ་རེད། དེ་ཚོ་ལམ་ཁ་ལྟ་བུ་རེད། ཁྱེད་རང་གིས་གསུངས་བ་ནང་བཞིན་རེད། ཏན་ཏན་མི་སོ་སོའི་ལོར་རྒྱུས་རེ་བྲིས་ཡོད་པ་མ་གཏོགས་སོ་སོའི་གསར་རྩོམ་ལྟ་བུ་དང་རིག་པས་ནམ་རྒྱུན་འཚོ་བ་དང་དེ་འདྲ་གློག་བརྙན་མཐོང་བ་ནང་བཞིན་ལམ་སང་ཤོག་བུ་ངོས་ནས་སྟོན་ཐུབ་མཁན་བོད་པའི་ངོས་ནས་ཧ་ཅང་ཉུང་ཉུང་རེད། དེར་བརྟེན་ང་ཚོས་བོད་ཡིག་ནང་དུ་བསྟན། དེ་མིན་དབྱིན་ཇིའི་ནང་ཡང་སྟོན་ཐུབ་ན་ཡག་པོ་མིན་ནམ་བསམས། ང་ཚོའི་སྤྱི་ཚོགས་ནང་དེའི་ཐོག་ལ་གཞི་ནས་འགྲོ་བའི་ལམ་ཁ་ལ་ཐག་རིང་བོ་རེད་འདུག
དཔལ་ལྡན། འཇམ་དབྱངས་ལགས། ཁྱེད་ཀྱིས་གསར་རྩོམ་གནང་བའི་བརྩམས་སྒྲུང་ The Mandala of Sherlock Holmes ཞེས་པའི་དེབ་ཞིག་ཐོན་གྲུབ་ཡོད་པ་རེད། མི་མང་པོ་ཞིག་གིས་ཀྱང་དེ་ལ་རེ་སྒུག་གནང་འདུག ཁྱེད་རང་གི་ The Mandala of Sherlock Holmes ཞེས་བའི་དེབ་དེ་འབྲི་བའི་བསམ་བློ་ག་འདྲ་སྐྱེས་པའམ་སྤྱིར་བཏང་དེབ་དེའི་སྐོར་ལ་ངོ་སྤྲོད་གནང་རོགས་ཞུས་བ་ཡིན།
མཇམ་དབྱངས་། ཕྱི་རྒྱལ་གྱི་རྩོམ་ནང་ལམ་ཁ་ཞིག་ག་རེད་ཡོད་པ་རེད་ཟེར་ན། The Mandala of Sherlock Holmes དེབ་དེའི་ནང་དུ་རྩོམ་པ་པོ་སྔོན་མ་སྐད་གྲགས་ཅན་དང་ཧ་ལས་བ་ཞིག་ཡོད་པ་དེ་འདྲའི་རྩོམ་ཞིག་རྒྱབ་དུས། ད་འདྲའི་ལད་ཟློད་རང་མ་གནང་བར། ཁོ་རང་གི་འདྲ་བོ་ལྟར་བཟོས་ནས་ཁོ་རང་གི་བསྟོད་པ་འབྲི་བའི་ལམ་ཁ་ཞིག་ཡོད་པ་རེད། ང་རང་བྱིས་པ་ཡིན་དུས་སྒྲུང་ཀློག་རྒྱུ་དགའ་ཤོས་དབྱིན་ཇིའི་རྩོམ་པ་པོ་གཉིས་ཡོད། གཅིག་ནི་ Sir Arthur Conan ཨར་ཊན་ཀོ་ནར་ཟེར་བ་དང་། ཁོ་རང་གིས་མི་རྐུན་མ་སྡུག་ཆགས་དེ་དག་བཟུང་མཁན་རེད། མི་རིག་པ་ཅན་ཞོན་ལས་ཧྥོམ་ཟེར་བ་ཞིག་གིས་ཁོ་རང་མི་ཚེ་ནང་དཀའ་ངལ་བྱུང་བ་ཡིན་ན། མི་རྐུན་མ་དང་མི་ངན་བཙན་གནོན་བཏང་དུས་ཁོང་རང་གི་རིག་པའི་ཐོག་མཁྱེན་སྟབས་དེང་སང་། ཁོང་གིས་༼ཉེན་རྟོག་པའི་༽ Police ལས་ཀ་གནང་བ་རེད། དེ་འདྲའི་སྒྲུང་མང་པོ་ཡོད་པ་ལ། ཕལ་ཆེར་རྒྱ་ཡིག་
ནང་དུ་ཡང་བསྒྱུར་མེད་དམ་སྙམ། ང་བྱིས་པ་ཡིན་དུས་དབྱིན་ཇིའི་སློབ་གྲྭར་འཚར་ལོངས་བྱུང་སྐབས་དེབ་དེ་ལ་དགའ་བོ་ཡོད། དེ་ནས་རྩོམ་པ་པོ་གཞན་དེ་ཁེ་ཕུ་ལིས་ཟེར་བ་ཞིག་ཡོད་པ་རེད། ཁོ་རང་སྔོན་མ་དབྱིན་ཇིའི་ཡིན་ནའང་། རྒྱ་གར་དབྱིན་ཇིའི་འོག་བསྡད་དུས་ཁོང་གིས་ཚགས་པར་ཕྱག་ལས་གནང་བ་དང་། ཁོང་གིས་རྒྱ་གར་གྱི་ལོ་རྒྱུས་མང་བོ་བྲིས་ཡོད། བོད་པའི་བླ་མ་ཞིག་གི་ལོ་རྒྱུས་ཧ་ཅང་ཡག་པོ་ཞིག་ཡོད་པ་རེད། ང་རང་བྱིས་བ་ལོ་ཆུང་ཡིན་དུས་རྩོམ་པ་པོ་འདི་གཉིས་ལ་ཧ་ཅང་དགའ་པོ་ཡོད། ཁོང་གཉིས་ཀྱི་སྒྲུང་དེ་ངས་མཉམ་དུ་བསྲེས་ནས་སྒྲུང་གསར་ཞིག་བཏོན་ཡོད། དེ་བྲིས་ནས་ལོ་ཁ་ཤས་ཕྱིན་མོད་པར་རྒྱག་མཁན་ཐེངས་གཅིག་རེག་ཀྱང་། ང་ཚོའི་བར་ཕན་ཚུན་ཚོང་འདྲ་བུ་མ་འགྲིགས། ཕལ་ཆེར་ད་ལོ་པར་རྒྱབ་ནས་ཐོན་པའི་རེ་བ་ཡོད། དེ་ཡང་སྤྱོད་པ་ཉེས་པོ་རེད་མ་གཏོགས་ཧ་ལས་བའི་རྩོམ་དང་སྙན་ངག་དེ་འདྲ་མ་རེད། ང་རང་ཆུང་དུས་ཧ་ཅང་དགའ་པོ་དང་དོ་སྣང་ཡོད་པའི་སོ་སོའི་བརྩེ་བ་ཡོད་པའི་རྣམ་པ་སྟོན་ཆེད་ཡིན།
དཔལ་ལྡན། ལྷན་རྒྱས་རྣམ་པ་ཚོ། བོད་རིགས་དབྱིན་ཇིའི་ནང་རྩོམ་འབྲི་བཞིན་པའི་རྩོམ་
པ་པོ་གང་མང་ཞིག་གིས་གསར་གཏོད་རང་བཞིན་ལྡན་པའི་བརྩམས་སྒྲུང་དང་སྙན་ངག་དེ་འདྲའི་མང་པོ་ཞིག་བྲིས་མེད་ནའང་། མི་ཚེའི་ལོ་རྒྱུས་དང་སོ་སོའི་མྱོང་བ་དེ་འདྲའི་དེབ་མང་བོ་ཞིག་ཡོད་པ་རེད། དཔེར་ན། གྲུང་བ་རིན་པོ་ཆེ་ཡིས་བྲིས་པ། Born in Tibet བོད་ནང་དུ་སྐྱེས་བ་ཟེར་བ་ཞིག དེ་མ་ཟད། ཚེ་རིང་ཤཱཀྱ་ལགས་ཀྱིས་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་ལོ་རྒྱུས། ད་དུང་ཁོང་གི་བོད་ཀྱི་སྐོར་ལ་ལོ་རྒྱུས་དེབ་ཞིག་ཀྱང་བྲིས་ཡོད་པ་རེད། གཞན་ཟླ་བ་ནོར་བུ་ལགས་ནས་ Red star over Tibet བོད་སྒང་གི་སྐར་མ་དམར་པོ་ཟེར་བ་དེ་འདྲ་བོད་རིགས་ཡིན་པ་དབྱིན་ཇིའི་ནང་ཆབ་སྲིད་ཀྱི་ཉམས་ཞིབ་དང་སོ་སོའི་མི་ཚེའི་ལོ་རྒྱུས་དེ་འདྲ་མང་པོ་བྲིས་ཡོད་པ་རེད།
རྩོམ་པ་པོ་འཇམ་དབྱངས་ནོར་བུ་དང་མཉམ་དུ་གླེང་མོལ་༤
དཔལ་ལྡན། བོད་རིགས་རྩོམ་པ་པོས་དབྱིན་ཇིའི་ནང་བརྩམས་སྒྲུང་དང་སྙན་ངག་འབྲི་བ་ལ་ཡར་རྒྱས་འགྲོ་བར་ཐབས་ལམ་དང་། ཡང་ན་ཁྱེད་རང་ངོས་ནས་དམིགས་བསལ་དབྱིན་ཇིའི་ནང་རྩོམ་འབྲི་བའི་བོད་རིགས་དེ་ཚོ་ལ་དམིགས་བསལ་གྱི་གསུང་བ་ག་རེ་ཡོད།
jamyangt
རྩོམ་པ་པོ་འཇམ་དབྱངས་ནོར་བུ
འཇམ་དབྱངས་། ངས་ག་རེ་བསམ་གྱིན་འདུག་ཟེར་ན། བོད་པའི་ནང་དབྱིན་ཇིའི་ནང་རྩོམ་འབྲི་མཁན་གསར་བ་བུད་མེད་དེ་འདྲ་ཁ་ཤས་འདུག ངས་མིང་མི་ཤེས་ཀྱང་རྩད་གཅོད་་བྱེད་ཀྱི་ཡོད། བལ་ཡུལ་ནང་དུ་སྐལ་བཟང་བསྟན་འཛིན་ཟེར་བ་དེ་འདྲ་འདུག ཁོས་དེ་འདྲ་ལ་དོ་སྣང་བྱས་ནས་ལས་ཀ་བྱེད་ཀྱི་འདུག ཅུང་ང་ཚོས་དོ་སྣང་མ་བྱས་པར་ཕར་ཚུར་འབྲེལ་བ་བྱུང་ཡོད་པ་མ་རེད། ངས་བསམ་ན་དེ་ཚོའི་བར་བ་ལ་ལམ་ཁ་འདྲ་བོ་རོགས་པ་བྱེད་མཁན་ཡོད་ན་ཡག་པོ་མེད་དམ་བསམ། ཕྱི་རྒྱལ་ནང་དེབ་པར་རྒྱག་པར་ཧ་ལས་པའི་དཀའ་ངལ་ཆེན་པོ་རེད། བོད་ནང་དུ་པར་རྒྱག་པ་དང་རྒྱ་ནག་ཏུ་པར་རྒྱག་སྐབས་སྔོན་མ་ཡར་མགོ་བདེ་བོ་ཞིག་འཁྲབ་ཐུབ་ན་ཐེབས་ཆགས་ཤིག་སྟོན་རྒྱུ་ཡོད་པ་རེད། ཕྱི་རྒྱལ་ལ་སོ་སོའི་ཁེ་བཟང་ཆེན་པོ་མ་རེག་བར་དུ་གང་ཡང་བཏོན་
གྱི་མ་རེད། གསར་བ་གོ་སྐབས་སྤྲོད་ཀྱི་ཁག་པོ་རེད། དེང་སང་བོད་པའི་ཐོག་དོ་སྣང་སླེབས་ནས་རེ་བ་འདུག་མ་གཏོགས། ང་ཚོས་དབྱིན་ཇིའི་ནང་བྲིས་བ་ཡིན་ཟེར་དུས་ཁོ་ཚོ་ཧ་ལས་པ་བྱེད་ཀྱི་འདུག རྒྱ་གར་གྱི་རྩོམ་པ་པོ་སྐད་གྲགས་ཅན་དེ་ཚོ་ཕྱི་རྒྱལ་ལ་སྐད་གྲགས་བྱུང་བ་དང་དེབ་འགྲིམ་པ་སོགས་ཉེར་ཆར་རེད། རྒྱ་གར་གྱི་རྩོམ་པ་པོ་འཛམ་གླིང་ནང་སྐད་གྲགས་ཆེ་ཤོས་དང་ཨང་དང་པོ་སླེབས་དུས། ཁོང་ཚོ་ལ་ཡང་དཀའ་ངལ་ཆེན་པོ་བྱུང་ཡོད་པ་རེད། བོད་པ་ཚོ་ཡང་བཤད་ཐུབ་པ་ཡོད་པ་མ་རེད། སྔོན་ལ་ཕར་ཚུར་རུབ་རེ་བྱས་དེ་དཀའ་ངལ་ལ་་གདོང་ལེན་བྱས་ན། གཅིག་བྱས་ན་ང་ཚོ་ལ་ཡང་གོ་སྐབས་ཐོབ་ནས་སོ་སོའི་ལུང་པའི་ལོ་རྒྱུས་སོགས་འཛམ་གླིང་ཐོག་སྤེལ་པ་ཡིན་ན། ག་རེ་ཡིན་ནའང་།ཤུགས་ཆེན་པོ་སྟོན་པའི་རེ་བ་ཡོད་པ་ཞིག་རེད།
དཔལ་ལྡན། འཇམ་དབྱངས་ལགས། ཁྱེད་ཀྱིས་གསུང་བ་ནང་བཞིན་རྒྱ་གར་མིས་དབྱིན་ཇིའི་ནང་བྲིས་པའི་རྩོམ་པ་པོ་མང་པོ་ཞིག་འཛམ་གླིང་ནང་བྱུང་ཡོད་པ་རེད། དཔེར་ན། སིམ་ལ་ཞས་ དེ་འདྲ་མང་བོ་ཞིག་བྱུང་ཡོད་པ་རེད། ཁ་སྔོན་ངས་དེ་འདྲའི་སྐོར་ཀློག་མྱོང་། ཁོ་ཚོའི་རྩོམ་རིག་དེ་རྒྱ་གར་གྱི་རྩོམ་རིག་རེད་དབྱིན་ཇིའི་རྩོམ་རིག་རེད། དེ་འདྲའི་རྩོད་པ་ཞིག་ཡོང་གི་འདུག དེ་འདྲའི་རྩོད་པ་རྒྱལ་སྤྱིའི་སྒང་ཚ་བོ་ལྟ་བུ་ཡིན་ས་རེད། ཁྱེད་ཀྱིས་དགོངས་ཚུལ་ལ་བོད་པ་དེ་དག་གིས་བརྗོད་བྱ་བོད་ཀྱི་སྐོར་བྱས་ནས་དབྱིན་ཇིའི་ནང་བྲིས་བ་ཡིན་ན། བོད་ཀྱི་རྩོམ་རིག་ཆགས་ཀྱི་རེད་དམ་དབྱིན་ཇིའི་རྩོམ་རིག་ཆགས་ཀྱི་རེད། དེ་ལ་ཐག་ཆོད་ཡོད་པ་མ་རེད་དེ་བསམ་ཚུལ་ལྟ་བུ།
འཇམ་དབྱངས་། རྒྱ་གར་ཡིན་ན། ངས་བསམ་པར་རྒྱ་གར་རང་རེད་བསམ། གང་ཡིན་ཟེར་ན། དབྱིན་ཇིའི་སྐད་དེ་རྒྱ་གར་རྒྱལ་ཁབ་ཀྱི་སྐད་ཆགས་འདུག རྩོམ་རྒྱབ་དུས་ཕྱི་རྒྱལ་དང་ཁོ་ཚོའི་དབྱིན་ཇིའི་ཚགས་པར་ནང་དུ་རྒྱ་གར་འབྲི་སྟངས་དང་ཁོ་ཚོའི་དབྱིན་ཇིའི་གཉིས་མ་འདྲ་བ་དང་གསར་བ་ཞིག་ཆགས་འདུག རྒྱ་གར་ལ་བསམ་ཁྱད་པར་ཡོད་པ་རེད་ཀྱང་། དབྱིན་ཇིའི་སྐད་དེ་ཁོ་རང་ཚོའི་སྐད་ཡིན་སྟབས་རྒྱ་གར་རང་གི་རྩོམ་ལ་ངེས་འཛིན་བྱེད་དགོས་འཁེལ་གྱི་རེད། བོད་པ་ལ་ངས་ག་འདྲ་ཡིན་ནམ་བསམ། རྩོམ་ཞིག་རྒྱབ་ན་དབྱིན་ཇིའི་ལྟར་འབྲི་བ་དང་འགྲོ་སྟངས་ཡང་དབྱིན་ཇིའི་རང་རེད། ངས་བསམ་ན་བོད་པ་རང་གི་རྩོམ་ལ་འགྲོ་ཡི་མ་རེད་བསམ། དེ་ཕྱིན་ན་མ་ཕྱིན་ན་གནད་འགག་ཡོད་པ་མ་རེད། ཁྱད་ཆེ་ཤོས་ངས་ག་རེ་རེད་ཟེར་ན། ད་ལྟ་བོད་པ་ལམ་ཁ་གཉིས་ཀྱི་སྒང་དུ་འགྲོ་བ་རེད། ཕྱོགས་གཅིག་རྒྱ་ཡིག་ནང་འབྲི་གྱིན་ཡོད་པ་དང༌། ཕྱོགས་གཅིག་ནས་ང་ཚོའི་དབྱིན་ཇིའི་ནང་འབྲི་བཞིན་ཡོད་པ་རེད།
དཔལ་ལྡན་། སྤྱིར་བཏང་རྒྱ་ཡིག་ནང་བོད་པ་བརྩམས་སྒྲུང་འབྲི་མཁན་སྐད་གྲགས་ཅན་ཁ་ཤས་ཡོད་པ་རེད། ཡིན་ནའང་བོད་ནང་དུ་ཡང་དེ་འདྲའི་རྙོག་དྲ་ཡོད་པ་རེད། དེ་རིང་དུས་ཚོད་ཀྱི་དབང་གིས་ངེད་གཉིས་ཀྱིས་འདིར་བརྗོད་མ་ཐུབ་པ་མ་གཏོགས་བོད་ནང་དུ་རྒྱ་ཡིག་འབྲི་མཁན་དེ་བོད་པའི་རྩོམ་རིག་ཡིན་མིན་ལ་བགྲོ་གླེང་མང་པོ་བྱེད་ཀྱི་འདུག
འཇམ་དབྱངས་། ང་ལ་དེ་སེམས་པ་སྐྱོ་བོ་འདྲ་འདུག གང་ལ་ཟེར་ན། ང་ཚོས་གཅིག་བྱས་ན་སོ་སོའི་བོད་སྐད་བོད་ཡིག་མཉམ་དུ་སྐད་ཡིག་གཞན་ཞིག་ལེན་དགོས་བྱུང་ན། རབ་ཡིན་ན་ང་ཚོའི་དབྱིན་ཇིའི་དེ་དགོས་ཀྱི་
འདུག གང་ཡིན་ཟེར་ན་དབྱིན་ཇི་ནི་འཛམ་གླིང་གི་སྐད་ཞིག་རེད། དཔལ་འབྱོར་གྱི་ཕན་མ་ཐོག་པ་ཡིན་ནའང་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་ཐོག་ཁོ་ཚོའི་ནང་འཛུལ་བར་ལམ་ཁ་ཞིག་སྟོན་གྱིན་ཡོད་པ་རེད། དེའི་ཐོག་ལྟ་བ་འདྲ་བོ་མང་པོ་ཞིག་གསར་བ་ཤེས་རྒྱུ་མང་བོ་ཞིག་གནད་འགག་སླེབས་ཀྱི་ཡོད་པ་རེད། རྒྱ་ཡིག་དེ་སོ་སོའི་ལས་ཀ་རེག་རྒྱུར་ཕན་པ་མ་གཏོགས། རྒྱ་ཡིག་ཅིག་ཤེས་བ་ཡིན་ནའང་། གནའ་སྔ་མོའི་ཁོང་ཚོའི་སྐོར་དང་རྒྱ་ནག་གི་ལྟ་བ་ཀློག་པ་མ་གཏོགས་ཧ་ཅང་ཕན་ཐོགས་སམ། ལྟོ་གོས་འཚོལ་བ་དང་དེ་འདྲ་མ་གཏོགས་ཧ་ལས་བའི་ལམ་ཁ་དེ་འདྲ་རྒྱ་ཡིག་ཤེས་ནས་ཕན་ཐོག་ཡོད་མེད་ག་འདྲ་ཞིག་ཡིན་ནམ། དེ་སེམས་པ་སྐྱོ་པོ་ཞིག་རེད། ང་ཚོས་འགྱུར་བ་ནི་གཏོང་ཐབས་ཡོད་པ་མ་རེད། གནས་སྟབས་དངོས་ནས་ཆགས་ཡོད་པ་རེད། དེར་བརྟེན་བོད་པ་ཚོས་རྒྱ་ཡིག་ནང་རྩོམ་རྒྱབ་ནས་ཕྱི་རྒྱལ་ནང་བསྡད་པ་ཚོ་ལས་ལྷག་ཅིག་གནང་ཐུབ་པ་ངས་ཧ་ལས་པ་རེད་བསམས། ཕྱི་རྒྱལ་དུ་བོད་པ་སྐྱབས་བཅོལ་དུ་སླེབས་པ་ཚོས། དབྱིན་ཇིའི་ནང་རྩོམ་རྒྱག་པའི་སེམས་ཤུགས་ངས་བསམ་ན་སྐྱེས་དགོས་བ་ཞིག་དང་། དེ་ལས་ལྷག་ཞིག་ཐོན་དགོས་པའི་གནད་འགག་ཆེན་པོ་འདུག་སྙམ།
དཔལ་ལྡན། དབྱིན་ཇིའི་ནང་རྩོམ་འབྲི་བཞིན་པའི་བོད་རིགས་རྩོམ་པ་པོ་དང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་
གཞུང་ཞིབ་འཇུག་ཁང་གི་འགན་འཛིན་རྒན་གྲས་འཇམ་དབྱངས་ནོར་བུ་ལགས་ཀྱིས་བཙན་བྱོལ་དུ་བོད་རིགས་ ་རྩོམ་པ་པོས་དབྱིན་ཇིིའི་ནང་འབྲི་བཞིན་པའི་རྩོམ་དང་། ཁོ་རང་ཚོའི་གནས་སྟངས་སྐོར་ལ་ངའི་མཉམ་དུ་བཀའ་མོལ་གནང་བར་ལ་ཐུགས་རྗེ་ཆེ་ཞུ།