ཨོཾ་མཎི་པདྨེ་ཧཱུཾ༔ ཞེས་པ་འདི་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡིན།
ཨོཾ། ཞེས་པར་ཡི་གེ ཨ་དང་། ཨུ། མུ་གསུམ་བསྡུས་ཡོད་ཅིང་།
འདི་གསུམ་གྱི་མཎི་འདོན་མཁན་གྱིས་ཉམས་ལེན་པ་དེའི་མ་དག་པའི་ལུས་ངག་ཡིད་གསུམ་དང་། ཐོབ་བྱ་སངས་རྒྱས་ཀྱི་དག་པའི་སྐུ་གསུམ་ཐུགས་གསུམ་མཚོན་གྱི་ཡོད།
འདིས་ད་ལྟའི་ང་ཚོའི་མ་དག་པའི་ལུས་ངག་ཡིད་གསུམ་དེ་མ་འོངས་པར་དག་པའི་སངས་རྒྱས་ཀྱི་སྐུ་གསུམ་ཐུགས་གསུམ་གྱི་ངོ་བོར་བསྒྱུར་དགོས་པ་བསྟན་ཡོད།
ཐབས་ལམ་གང་ལ་བརྟེན་ནས་བསྒྱུར་དགོས་པ་ནི། མཎི་པདྨེ། ཞེས་པས་བསྟན་པ་ཡིན་ཏེ་ཚིག་འབྲུ་འདི་གཉིས་ཀྱིས་ལམ་ཐབས་ཤེས་གཉིས་ལ་བརྟེན་དགོས་གསུངས་སོ། དེ་ཡང་། མཎི། ཞེས་པས་དཔེའི་སྒོ་ནས་བྱམས་བརྩེ་དང་དེ་ལ་བརྟེན་པའི་བྱང་ཆུབ་ཀྱི་སེམས་བཅོས་ཐབས་ཁྱད་པར་ཅན་གྱི་ལམ་བསྟན། པདྨེ། ཞེས་པས་དཔེའི་སྒོ་ནས་སྟོང་ཉིད་རྟོགས་པའི་བློ་ལ་སོགས་པ་ཤེས་རབ་ཁྱད་པར་ཅན་གྱི་ལམ་བསྟན་ཏོ། ཇི་ལྟར་བསྟན་ཞེ་ན། རྒྱ་གར་སྐད་དུ། མཎི། ཞེས་པར་བོད་སྐད་དུ་ནོར་བུའི་དོན་ཡིན་ལ། ནོར་བུས་དབུལ་ཕོངས་ཀྱི་སྡུག་བསྔལ་སེལ་བ་བཞིན། བྱང་ཆུབ་སེམས་ཀྱིས་ཀྱང་སེམས་ཅན་གྱི་སྡུག་བསྔལ་སེལ་བ་དང་། ནོར་བུས་གནས་སྐབས་ཀྱི་འདོད་དོན་སྐོང་བ་བཞིན། བྱང་ཆུབ་སེམས་ཀྱིས་ཀྱང་སེམས་ཅན་གྱི་འདོད་དོན་སྐོང་བ་མཚོན་ནས་བསྟན་པའོ། པདྨེ། ཞེས་པ་མེ་ཏོག་པདྨའི་དོན་ཡིན་ཞིང་། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པ་བཞིན་དུ། ཤེས་རབ་འཁོར་བའི་འདམ་གྱི་དྲི་མ་དང་མ་བྲལ་ཡང་འཁོར་བའི་ཕྱིན་ཅི་ལོག་བློ་གང་གིས་ཀྱང་གནོད་མི་ཐུབ་པ་མཚོན་པ་ཡིན། ཚུལ་ཇི་ལྟར་ཉམས་སུ་བླངས་དགོས་པ་ནི། ཧཱུཾ། ཞེས་པས་བསྟན་ཏེ། ཧཱུཾ། ཞེས་པ་ངོ་བོར་དབྱེར་མེད་ཀྱི་དོན་ཡིན་པས། དེས་ན་ཐབས་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་སྟོང་པ་ཉིད་རྟོགས་པའི་བློ་གཉིས། ངོ་བོ་དབྱེར་མེད་པའམ་ཡ་མ་བྲལ་བར་ཉམས་སུ་བླངས་པ་ལ་བརྟེན་ནས། ང་ཚོའི་མ་དག་པའི་ལུས་ངག་ཡིད་གསུམ་དེ། སངས་རྒྱས་ཀྱི་དག་པའི་སྐུ་གསུམ་ཐུགས་གསུམ་དུ་བསྒྱུར་བར་བསྟན་པའོ། མཎི་པདྨེ། ཞེས་པ། བོད་སྐད་དུ། ནོར་བུ་པདྨ། ཞེས་བརྗོད་ཀྱི་ཡོད། སྤྱན་རས་གཟིགས་ཀྱི་ཕྱག་གཡོན་གྱིས་པདྨ་དང་། རྩ་བའི་ཕྱག་གཉིས་ཐལ་མོ་སྦྱར་ནས་ནོར་བུ་འཛིན་ནས་བཞུགས་པས། སྤྱན་རས་གཟིགས་ཀྱི་མཚན་ལ། ནོར་བུ་པདྨ་དང་། པདྨ་ནོར་བུ། ཞེས་བརྗོད་པ་ཡིན། མདོར་ན། མཎི་འདོན་སྐབས་བསམ་བློ་འདི་ལྟར་གཏོང་དགོས། འཕགས་པ་སྤྱན་རས་གཟིགས་མཁྱེན་ཞེས་མཚན་ནས་བོས་ཏེ། ཐབས་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་སྟོང་པ་ཉིད་རྟོགས་པའི་བློ་གཉིས་ཡ་མ་བྲལ་བར་ཉམས་སུ་བླངས་པ་ལ་བརྟེན་ནས། སྐྱོན་གྱི་གོང་བུ་ཡིན་པའི་ངའི་ལུས་ངག་ཡིད་གསུམ་པོ་འདི། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སྐུ་གསུང་གྱི་ངོ་བོར། མྱུར་དུ་བསྒྱུར་བར་བྱིན་གྱིས་བརླབས་སུ་གསོལ་སྙམ་པའི་གདུང་ཤུག་དྲག་པོའི་སྒོ་ནས་གདོན་དགོས་སོ།